དྲ་བ་འདིར་གཟིགས་པར་རྒྱུད་ཁོངས་མ་ལག་windows 7 ཡིན་པ་ལས windows xp ལས་སྒྲིག་གཞི་ཅ་དག་པོ་ཞིག་མཐོང་མི་ཐུབ་པ་འདྲ།
གསལ་བསྒྲགས། མིག་སྔར་དྲ་གྲོགས་འགའི་རེ་བ་ལ། རྩིས་འཁོར་གྱི་རྒྱུན་སྤྱོད་ཤེས་བྱའི་ཐད་ཀྱི་བརྙན་ཟློས་སློབ་ཁྲིད་རེ་བཟོ་རོགས་བྱོས་ཟེར། འདིའི་སྐོར་ལ་ངས་ཀྱང་སྔོན་ཆད་བསམ་བློ་གཏོང་མྱོང་། ཡིན་ནའང་བོད་རང་ལ་སྤྱི་སྐད་ཅིག་མེད་པས་དཀའ་ཁག་ཆེན་པོ་འདུག། གལ་སྲིད་ངས་ཨམ་སྐད་ཀྱིས་སློབ་ཁྲིད་བྱེད་ཁུལ་བགྱིད་ན་དབུས་གཙང་གི་གྲོགས་པོ་ཚོས་གོ་མི་ཐུབ་ལ།ཡང་ཁམས་སྐད་སྤྱོད་པའི་གྲོགས་པོ་ཚོས་ཀྱང་གོ་དཀའ། གལ་སྲིད་དབུས་སྐད་ཡིན་པའི་དབང་དུ་བྱས་ན་ཡང་དེ་བཞིན་རེད། དེ་བས་འདིའི་སྐོར་ལ་ངས་ཐབས་ཤེས་ལེགས་པོ་ཞིག་མ་རྙེད། གལ་ཏེ་གྲོགས་པོ་ཚོར་དགོས་མཁོ་ཤིན་ཏུ་ཆེ་ན་ང་ལ་དྲ་ཚིགས་འདིར་ཕྱོགས་གང་གི་སྐོར་གྱི་སློབ་ཁྲིད་དང་། རྣམ་པ་ཅི་ལྟར་ཡིན་པའི་སྐད་རེ་སྐྱུར་དང་ངས་རང་ནུས་ཀྱིས་དེ་ལྟར་བཟོ་ཁུལ་བྱས་ཆོག། དྲང་མོར་བཤད་ན། ཁྱོད་ཀྱི་སྙིང་གཏམ་ལྟ་བུའི་ཡིག་འཕྲིན་དེ་དང་སྐད་ཆ་དེ་ནི་ངའི་ནམ་ཡང་འགུལ་ཤུགས་ཡིན། འོན་ཀྱང་ཕྱིའི་གྲོགས་པོ་འགའ་རེས་བོད་དབྱིན་གྱིས་སྒོ་ནས་རྩོམ་ཡིག་རེ་གཉིས་བྲི་རོགས་བྱོས་ཟེར། འོན་ཏེ། ངས་དབྱིན་ཡིག་ལེགས་པོ་ཞིག་མི་ཤེས་པས་ཐུགས་རྒྱལ་མ་བཞེངས།
དེ་རིང་ངས་གྲོགས་པོ་ཚོར་འདིར་ཚོད་ལྟའི་ཚུལ་དུ་བརྙན་ཟློས་རང་བཞིན་གྱི་སློབ་ཁྲིད་ཅིག་བརྙན་དུ་ཕབ་ནས་བཀོད་ཡོད། གལ་སྲིད་ཁྱོད་ལ་སྤྲོ་བ་ཡོད་ན་ཕབ་ལེན་བྱས་ནས་ལྟོས་ཆོག། འོན་ཀྱང་བརྙན་ཟློས་འདི་ནི་ཚོད་ལྟའི་རང་བཞིན་རྐྱང་རྐྱང་ཡིན་པས་ཁྱོད་ལ་དོགས་མི་བདེ་བ་བཟོ་སྲིད་མོད་ཁྱོས་ཀྱིས་ལྟོས་རྗེས་བརྗེད་དུ་འཇུག་རོགས།
གཞན། མ་འོངས་པར་ཁོ་བོས་བརྙན་ཟློས་རང་བཞིན་གྱི་སློབ་ཁྲིད་འགའ་རེ་དྲ་ཚིགས་འདིར་བཀོད་རྒྱུ་ཡིན་ལ། གལ་སྲིད་ཁྱོད་ལ་སྤྲོ་བ་ཡོད་ན༼སློབ་ཁྲིད༽ཞེས་པའི་ལེ་ཚན་དེ་རུ་སོང་ནས་ཕབ་ལེན་བྱེད་ཆོག
ནང་དོན། སྒྲོག་ངོས་རྟགས་རིས་ཀྱི་མིང་བྱང་བོད་ཡིག་གིས་ཚད་ལྡན་བཟོ་ཐབས།
རྣམ་པ། swf
སྐད་གདངས། ཨམ་སྐད།
བེད་སྤྱོད་བྱེད་སྟངས། KMPlayer སོགས་བརྙན་ཟློས་གཏོང་ཆས་ཀྱི་མཉེན་ཆས་གང་རུང་།
སློབ་ཁྲིད་བྱེད་མཁན། ཡུན་སེང་འབྲུག
ཕབ་ལེན་བྱེད་གནས། http://115.com/file/dn1a0r6c